དམིགས་ཡུལ།

སྤྱིར་བཏང་ ཤེས་ཡོན་འདི་གི་དམིགས་ཡུལ་འདི་ དམིགས་བསལ་དུ་གོང་འཁོད་རྒྱལ་ཁབ་དྲུག་གི་ནང་ལུ་ བཟའ་ཚང་ཚོང་ལས་ ཁག་ཆེ་ཚུལ་དང་འབད་ཐངས་གཉིས་ རང་བཞིན་གྱིས་ལྷབ་ནི་དང་ གོ་བ་ལེན་ཚུག་ནི་ཤེས་ཡོན་གྱི་གཞི་བཀོད་བཟོ་ནི་ཨིན།

ལས་འགུལ་འདི་གིས་ ཤེས་ཡོན་སྦྱོང་ཚན་གྱི་བཀོད་རིས་བཟོཝ་ད་ ཐབས་ཤེས་གཙོ་བོ་ ཤེས་ཚད་ལུ་མེན་པ་ རིག་རྩལ་དང་ཉམས་མྱོང་ལུ་གཞི་བཞག་སྟེ་ ཡུ་རོབ་ཀྱི་ཤེས་ཡོན་ལམ་ལུགས་བཟུམ་སྦེ་ ལག་ལེན་དངོས་བསྟར་གྱི་དམིགས་གཏད་ཐོག་ ཀེམ་བྷོ་དྲི་ཡ་དང་ མ་ལ་ཤི་ཡ་ ཕི་ལི་པིན་སི་དང་ བྷང་ལ་དེ་ཤ་ དེ་ལས་ འབྲུག་དང་ ནེ་པཱལ་གྱི་རྒྱལ་ཁབ་སོ་སོའི་ཤེས་ཡོན་ལས་ཁང་ཚུ་གིས་ ཡར་ཐོན་ཅན་དང་ དངོས་སུ་ཕན་ཐོགས་ཅན་ཅིག་ཡོད་པའི་ བཟང་ཚང་ཚོག་རིག་བདག་སྐྱོང་གི་རྩ་གཞུང་བཟོ་ནི་ཨིན།

དེའི་ནང་ལས་ཡང་ ལས་འགུལ་འདི་གིས་ འོག་ལུ་འཁོད་མི་ དམིགས་བསལ་གྱི་ དམིགས་ཡུལ་ཚུ་བསྒྲུབ་ནི་ཨིན།

- གསར་བཟོ་ མཆོག་གྱུར་ཅན་གྱི་ སྦྱོང་ཚན་རྩ་གཞུང་བཟོ་ཞིནམ་ལས་ མཉམ་འབྲེལ་རྒྱལ་ཁབ་སོ་སོའི་བར་ན་ཕན་ཚུན་རྒྱབ་སྐྱོར་འབད་དེ་ བཟའ་ཚང་ཚོང་ལས་ལྕོགས་གྲུབ་དང་ འཇོན་ཐང་རིག་རྩལ་ཚུ་བཟོ་ནི་དང་ གོང་འཕེལ་གཏང་ཏེ་ ཧེ་མ་མེད་པའི་ཤེས་ཡོན་འདི་གིས་ ཚོང་ལཱ་གི་དཀའ་ངལ་བསལ་ནི་དང་། མཐུན་ཚོགས་ཀྱིས་ ཞིབ་འཚོལ་ཐོག་ལས་ ཤེས་ཡོན་གོ་རིམ་སོ་སོ་ལུ་འོས་བབས་ཡོད་པའི་ ཡོངས་འབྲེལ་ཤེས་ཡོན་གྱི་ལས་རིམ་ མཐུན་སྒྲིག་འབད་དེ་ ཚུལ་མཐུན་དང་མཐུན་མིན་གཉིས་ཆ་ར་གིས་སྒོ་ལས་ ཁྱད་རིག་ཅན་གྱི་བཟང་ཚང་ཚོང་ལས་ཀྱི་ཤེས་ཡོན་བྱིན་ནི།

- ལུང་ཕྱོགས་འདི་ནང་གི་ བཟའ་ཚང་ཚོང་ལས་ཀྱི་སྡེ་ དོན་སྨིན་ཅན་དང་འོས་འབབས་ཅན་ལུ་བཟོ་སྟེ་ ཤེས་ཡོན་ལྷབ་མི་ཚུ་ལུ་ བཟའ་ཚང་ཚོང་ལས་གི་འཛིན་སྐྱོང་ལུ་དགོ་པའི་ ཁྱད་རིག་བྱིན་ནི་དང་ སྦྱོང་བརྡར་ཚུ་བྱིན་ཏེ་ རིག་རྩལ་ལྡན་པའི་ལས་བྱེདཔ་བཟོ་ནི།

- ཤེས་ཡོན་སློབ་སྟོན་པ་ཚུ་ ཡུ་རོབ་ཀྱི་ མཐོ་རིམ་ཤེས་ཡོན་སྤེལ་ཁང་ཚུ་ནང་ ཤེས་ཡོན་ལྟ་སྐོར་འགྱོ་ནིའི་ལས་རིམ་ཐོག་ ཁོང་གི་ལྕོགས་གྲུབ་གོང་འཕེལ་དང་ ཤེས་ཡོན་འདི་དང་འབྲེལ་བའི་ སློབ་སྟོན་ཐབས་ལམ་གྱི་སྦྱོང་བརྡར་བྱིན་ཏེ་ ལྕོགས་གྲུབ་ཤུགས་སྣོན་རྐྱབ་ནི་དང་། དེ་བཟུམ་སྦེ་ དུས་ཨ་རྟག་ར་ དངོས་མིན་ཡོངས་འབྲེལ་ཤེས་ཡོན་རིམ་ལུགས་ཀྱི་ཐོག་ལས་ རྒྱལ་ཁབ་ཕན་ཚུན་གྱི་བར་ན་རྒྱབ་སྐྱོར་འབད་ནི།

- མཆོག་གྱུར་ཅན་གྱི་བཟའ་ཚང་ཚོང་འབྲེལ་གྱི་ལྟེ་བ་གཞི་བཙུགས་འབད་དེ་ ཚོང་འབྲེལ་གཞི་རྟེན་མཁོ་ཆས་ཚུ་ཤུགས་སྣོན་འབད་བ་གིས་མ་ཚད་ ལྟེ་བ་འདི་གིས་ ཚོང་འབྲེལ་གྱི་ཞིབ་འཚོལ་དང་ གསར་གཏོད་འབད་དེ་ ལུང་ཕྱོགས་འདི་ནང་ དུས་ཨ་རྟག་ར་ བཟའ་ཚང་ཚོང་ལས་གི་ཤེས་ཡོན་འདི་ ལུང་ཕྱོགས་འདི་ནང་ དགོས་མཁོ་ཆེ་ཤོས་ཅིག་དང་ ཕན་ནུས་དྲག་ཤོས་ཅིག་འབད་བཞག་ནི། འདི་བཟུམ་སྦེ་ མཆོག་གྱུར་ལྟེ་བ་འདི་གིས་ བཟའ་ཚང་ཚོང་ལས་གི་ལས་སྡེ་ནང་ ཚོང་ལས་དང་འབྲེལ་བའི་རིགས་སྣ་ གསར་གཏོད་ཀྱི་ལས་སྣ་ལ་སོགས་པ་ཚུ་ཡར་སྤེལ་གཏང་སྟེ་ རྒྱལ་ཁབ་ནང་འཁོད་ལུ་ ཚོང་ལཱ་འབད་མི་ཚུ་ འབྲེལ་བ་འཐབ་སའི་ལྟེ་བ་ཅིག་ལུ་འགྱུར་ནི་ཨིནམ་མ་ཚད་ གཞུང་དང་ཚོང་སྡེ་གཉིས་ཀྱི་བར་ན་ གྲོས་སྡུར་འབད་སའི་ས་སྒོ་ལྟེ་བ་ལུ་འགྱུར་ཏེ་ ཚོང་སྡེ་གི་དཀའ་ངལ་ཚུ་ གཞུང་གི་སྲིད་བྱུས་ཚུ་ནང་བཀོད་ཚུགས་པའི་ ཁེ་ཕན་ཅན་གྱི་ལྟེ་བ་ཅིག་ལུ་བཟོ་ནི།